厉害了,央视媒体走进若尔盖藏文中学
མིག་སྔར། 《འབད་འབུངས་ཀྱིས་དུས་རབས་གསར་བར་སྐྱོད་པའི། མཚར་སྡུག་གི་ལོ་ངོ་བདུན་ཅུ། ཞེས་པ་སྟེ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་མཚོན་པའི་མཛེས་སྡུག་གི་བོད་ཡུལ་འགྲིམས་པ།》ཞེས་པའི་གསར་འགོད་ཆེན་མོའི་བྱེད་སྒོའི་ཚན་ཆུང་ངེད་མཛོད་དགེའི་བོད་ཡིག་སློབ་འབྲིང་དུ་འབྱོར། གསར་འགོད་ཚན་ཆུང་ལ་འཁོར་ཚོགས་མི་ཉི་ཤུ་ལྷག་མཆིས་ཤིང་། དེར་ཀྲུང་དབྱང་སྤྱི་ཁྱབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཡུན་ནན་བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་གསར་འགྱུར་བརྒྱུད་ལམ་གྱི་ལས་ཁུངས་ཁག་ཡོད།
近日,《壮丽70年 奋进新时代——庆祝新中国成立70周年美丽藏区行》大型新闻采访活动组走进若尔盖藏文中学。采访组一行二十余人,有中央广播电视总台、四川广播电视台、青海广播电视台、云南迪庆州广播电视台等新闻媒体单位。
བྱེད་སྒོའི་བརྙན་རིས།活动剪影
སློབ་གཙོ་བསྟན་འཛིན་དབང་རྒྱལ་ནས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་ཀྱི་ཀྲུའུ་གཞོན་པ་མགོན་པོ་གཡུལ་རྒྱལ་ལགས་ལ་སློབ་གྲྭའི་གནས་ཚུལ་མཚམས་སྦྱོར་གནང་བཞིན་པ།
校长旦正王杰向中央广播电视台(藏语中心)副主任贡布玉杰主任介绍学校情况
གསར་འགོད་པ་ཡོངས་ལ་བཀྲ་ཤིས་པའི་ལྷ་དར་འབུལ་བཞིན་པ།
向各位记者献上洁白的哈达
སློབ་གཙོ་བསྟན་འཛིན་དབང་རྒྱལ་ནས་སློབ་གྲྭའི་བྱེད་པོ་དམ་པ། བོད་ཀྱི་སློབ་གསོ་བ་བློ་བཟང་ཉི་མ་མཆོག་གི་མཛད་རྣམ་ངོ་སྤྲོད་གནང་བཞིན་པ།
旦正王杰校长介绍学校创始人、民族教育家罗让尼玛先生生平
སློབ་གཙོ་བསྟན་འཛིན་དབང་རྒྱལ་ནས་སློབ་དཔོན་བློ་བཟང་ཉི་མ་མཆོག་གི་མི་རིགས་སློབ་གསོའི་མཛད་རྗེས་གླེང་བཞིན་པ།
旦正王杰校长介绍罗让尼玛先生
在民族教育事业中做出的贡献
སློབ་གཙོ་གཞོན་པ་བསོད་ནམས་ཚེ་རིང་ནས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་བྱ་བའི་གྲུབ་འབྲས་མཚམས་སྦྱོར་གནང་བ།
索郎泽仁副校长谈学校民族团结创建成果
ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་བཅར་འདྲི་ཚན་ཆུང་གིས་མཛོད་དགེའི་བོད་ཡིག་སློབ་འབྲིང་གི་སློབ་སྒྲུབ་ཁྱད་ཆོས་དང་། མི་རིགས་མཐུན་སྒྲིལ་བྱ་བའི་སྐོར་ལ་གདེང་འཇོག་བླ་མེད་གནང་། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་འོག མི་རིགས་སློབ་གསོའི་ལས་ཀར་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། བོད་ཡིག་སློབ་འབྲིང་གི་མི་རབས་ནས་མི་རབས་བར། མགོ་ལུས་དམའ་མོས་ཧུར་ཐག་འབད་ཐག་ངང་གོམ་སྟབས་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ཁྲོད་ཞུགས་ནས། མཛེས་སྡུག་གི་བོད་ཡུལ་འགྲིམས་པར་ང་ཚོའི་ལག་གདང་ནམ་ཡང་ལྷོད་པ་མེད།
央视媒体采访组对若尔盖藏文中学办学特色、民族团结创建工作等各方面给予了高度评价。70年来,在中国共产党的领导下,民族教育事业的发展突飞猛进,一代代藏中人默默奉献、兢兢业业,正阔步走在中华民族伟大复兴的新征程上。美丽藏区行,我们携手同行。
欢迎加入《四川初升高升学网官方》QQ群 | |||||
地区 | 面向考生 | 群名称 | QQ群 | 申请要求 | 点击加入 |
四川 | 初中 | 四川2025年初升高群 | 946912595 | 初三家长加群并备注 | ![]() |
小学 | 四川2025年小升初群 | 991868778 | 六年级家长加群并备注 |